མཐར་འཁྱོལཝ་སྦེ་སྦྱོང་བརྡར་བྱིན་མི།
སློབ་སྟོན་པ་གཙོ་བོ།
ལས་གཡོགཔ།
ཆོས་ཚན།
རབ་བྱུང་ ༡༩༩༧ ཟླ་ ༦ ཚེས་ ༢ ལུ། རྒྱལ་ཡོངས་ཚོགས་འདུ་ཐེངས་ ༨༤ པའི་སྐབས་ལུ་གཞི་བཙུགས་འབད་ནུག། དང་པ་འདི་རིག་གནས་དཔལ་ཁང་ཟེར་དབུ་འཛིན་གཅིག་དང་དགེ་རྒན་གཉིས་དེ་ལས་སློབ་ཕྲུག་ ༢༡ དང་གཅིག་ཁར་འགོ་བཙུགས་ནུག། དེ་ཡང་སྔོན་བྱོན་ལག་བཟོའི་རིག་གནས་ཚུ་གོང་འཕེལ་གཏང་ནི་དང་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་འགོ་བཙུགས་ནུག། སྤྱི་ལོ་ ༢༠༡༧ ལུ་རིག་གནས་མཐོ་རིམ་སློབ་གྲྭ་ལུ་གོང་འཕེལ་བཏང་ཞིནམ་དང་། སྤྱི་ལོ་ ༢༠༡༨ ལུ་བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་ཟེར་མིང་བསྒྱུར་ཏེ་ འཇིམ་བཟོ་དང་ལྷ་བྲིས་དེ་ལས་ཤིང་བཟོ་ཚུ་ནང་ལུ་རྒྱལ་ཡོངས་གོང་འཕེལ་གྱི་ཚད་ལྡན་སློབ་ཚན་ཚུ་འགོ་བཙུགས་ནུག། ད་ལྟོ་ཚུན་ཚོད་མཐར་འཁྱོལ་མི་ ༨༨༢ དེ་ཚུ་ལཱ་གཡོག་ནང་དང་བཟོ་ཚོང་པའི་ཐོག་ལས་ཞབས་ཏོག་སྒྲུབ་བཞིན་དུ་ཡོདཔ་ཨིན། མཐོ་རིམ་སློབ་གྲྭ་འདི་གིས་རྒྱལ་ཁབ་ཀྱི་ལམ་སྲོལ་རྒྱུན་འཛིན་དང་གོང་འཕེལ་གཏང་ནིའི་དོན་ལུ་ཉམས་མྱོང་དང་དོན་ཚན་གྱི་གནས་ཚད་དང་འཁྲིལ་བའི་སྦྱོང་བརྡར་ (BQF རིམ་པ་ ༢, ༣, དང་ཚད་འཛིན་) ཚུ་རྒྱུན་མཐུད་དེ་བྱིན་བཞིན་དུ་ཡོདཔ་ཨིན།
ལྷབ་སྦྱང་མངམ་འབད་ནི།