པ་ཏྲ་ཟེར་སླབ་དགོ་པའི་ངེས་ཚིག་འདི་ སྤྱིར་གཏང་ཤིང་ཨེན་ཏ་གུ་རི་མོ་འབྲི་སྟེ་ དབྱིབས་དང་འབུར་བཏོན་ཏེ་བརྐོ་ཡོད་མི་ལུ་སླབ་ཨིན། པ་ཏྲ་འདི་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ བཟོ་རིག་བཅུ་གསུམ་གྱི་གྲལ་ལས་ ཁྱད་ཆས་མ་འདྲཝ་ཅིག་ ལྷ་ཁང་དང་དགོན་སྡེ་དེ་ལས་རྫོང་གཞི་ཁག་ཚུ་ནང་དྲ་མ་ཉམས་གྲུ་མ་ཉམས་ག་ནི་བ་ མཆོད་པའི་རྫས་བཀྲིས་རྟགས་བརྒྱད་ བཀྲིས་རྫས་བརྒྱད་ དེ་ལས་གཟུགས་བརྙན་ཅན་གྱི་རིགས་མ་འདྲཝ་ཚུ་བརྐོ་སྟེ་ཡོད་མི་ལུ་པ་ཏྲ་ཟེར་སླབ་ཨིན། འདི་མ་ཚད་ ཞལ་འབག་གི་རིགས་ལས་ གདོང་ཅན་གྱི་རིགས་མ་འདྲཝ་བརྐོ་མི་དང་ ཞི་བའི་རིགས་ ཁྲོའོ་རིགས་ ཕུརཔ་གི་རིགས་དེ་ལས་གཞན་ཡང་ཤིང་གུ་རིགས་སུ་འགྱུར་པ་སྣ་ཚོགས་བརྐོ་སྟེ་ དེང་སང་འཕྲུལ་ཆས་མ་འདྲཝ་ལག་ལེན་འཐབ་སྟེ་ག་ནི་བ་བྱ་ཆི་ཆི་བརྐོ་ཡོད་མི་ལུ་པ་ཏྲ་ཟེར་སླབ་ཨིན།