ཧེ་མ་དུས་རབ་བཅུ་བདུན་པའི་ནང་ཞབས་དྲུང་རིན་པོ་ཆེ་དང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་ ཚེམ་འདྲུབ་འཐུ་ནིའི་རིག་རྩལ་འགོ་དང་པ་གཞི་གཙུག་གནང་ནུག། དེ་ཡང་རྫོང་གཞི་ཁག་དང་ ལྷ་ཁང་དགོན་སྡེ་ལས་ཕར་ གོས་སྐུདཔོ་དང་ལྷན་དྲུབ་གི་མཐོང་གྲོལ་ཆེན་མོ་ བཞེངས་ནིའི་སྲོལ་གཏད་གནང་ནུག།
ལྷག་པར་དུ་སྔོན་རིན་སྤུང་སྤྱི་བླ་གཉིས་པ་ངག་དབང་ཆོས་གྲགས་སྐབས་ བླམ་ངག་དབང་རབ་རྒྱས་མཆོག་གིས་ གུ་རུ་མཚན་བརྒྱད་ཀྱི་མཐོང་གྲོལ་བཞེངས་མི་འདི་འབྲུག་རྒྱལ་ཁབ་ནང་འགོ་དང་པ་བཞེངས་གནང་པའི་སྲོལ་གཏད་འབྲུང་ནུག་ དེ་སྐབས་གྲག་པ་རྒྱ་མཚོ་མཆོག་ ལྷ་འབྲི་དང་ཚེམ་འདྲུབ་སོགས་ལུ་མཁས་པ་འཐོན་ཡོདཔ་ལས་ ཤུལ་ལས་སྤུང་ན་ཁ་ལུ་བྱོན་ཏེ་ཚེམ་འདྲུབ་ཀྱི་རིག་རྩལ་སྤེལ་གནང་ནུག།
དེ་བསྒང་སློབ་དཔོན་ཤེས་རབ་དབང་ཕྱུག་མཆོག་རྒྱ་ནག་གི་རིག་རྩལ་ལས་ཀྱང་ མཁས་པ་འཐོན་ནུག་ དེ་ལས་བཟོ་དཔོན་སྔོང་ཅུང་། གསོལ་དཔོན་བྱ་མ། ཆུ་ཕོ་པ་རྣམ་དང་། ངག་དབང་བསམ་གཏན་དོན་གྲུབ། ངག་དབང་བཀྲིས་སོགས་མཁས་པ་ལེ་ཤ་དར་ནུག།